Tuesday, March 13, 2012

དགེ་པེ། Gepe

At 10th March 2012, 5pm in Tibet time. A monk immolated himself in Ngawa district and he dead at right that place.
ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༥ ཙམ་ལ་རྔ་པ་རྫོང་ཚོས་རྗེ་མ་ཞང་སོ་རུ་སྡེ་བ་ནས་ཡིན་པ་རྔ་པ་ཀིརྟི་དགོན་གྱི་གྲྭ་དགེ་པེ། རང་ལོ ༡༨  ཕ་མིང་ལ་ཕྱག་རྡོར། མ་མིང་ལ་ཆཱ་ཁོ་ཡིན་པ་ཁོང་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་སྲོག་ཤོར་ཡོད་འདུག
དགེ་པེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ས་དེ་ནི། ཕྱི་ལོ་ ༡༩༥༠ ཙམ་ལ་རྒྱ་ནག་གི་བཅིང་གྲོལ་དམག་ཟེར་བ་ཐོག་མར་བསླེབས་ཏེ་དམག་སྒར་བརྒྱབ་ཡོད་པའི་རྒྱབ་ལོགས་ཡིན་སྟབས། ཁོང་གི་ཕུང་པོ་དམག་མི་ཚོས་དམག་སྒར་དུ་ཁྱེར་ཡོད་པ་དང་ ཁ་སང་ཕྱི་ཚེས་ ༡༡ ཉིན་འབྲེལ་ཡོད་མི་མང་སྐོར་ཞིག་གིས་དམག་མི་ཚོར་ཕུང་པོ་ནང་མིར་སྤྲོད་དགོས་པའི་རེ་འདུན་བཏོན་ཏེ། ཁ་རྩོད་མང་པོ་བྱས་མཐར་ཕྱི་ཚེས་ ༡༡ ཉིན་གྱི་མཚན་མོ་རྔ་པ་ནས་ཕུང་པོ་མེར་བསྲེགས་གཏོང་རྒྱུ་དང་ དེར་འབྲེལ་ཡོད་མི་  ཙམ་ཡོང་ཆོག་ཐག་གཅོད་ཅིག་བྱས་ཡོད་པ་ལྟར། མཚན་མོའི་ཆུ་ཚོད་ ༡༠ ཙམ་ལ་དམག་མིས་དམ་དྲག་ཆེན་པོའི་འོག་དུར་སའི་ནང་མེར་བསྲེགས་གཏོང་དགོས་བྱུང་ཡོད་འདུག
At 10th March 2012, 5pm in Tibet time. A monk immolated himself in Ngawa district and he dead at right that place. He is 18 years old, his name is Gepe and a monk from Kirti monastery in Amdo Ngawa. His father’s name is Chador, passed away some years ago and mother is Chakho.
At that day he immolated himself behind a Chinese malitery camp.  It is against to Chinese government freedom of Tibet. After burning himself he dead and his body was took to the malitery camp by army. Local people went there and requested them to get his body back to his family. 

No comments:

Post a Comment