Thursday, November 10, 2011

བོད་ཕྲུག Bodtrug

བལ་ཡུལ་དུ་དགེ་འདུན་པ་ཞིག་གིས་སྐུ་ལུས་མེར་བསྲེག

 དེ་རིང་ཕྱི་ཚེས་༡༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧ པ་ཙམ་ལ་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་ཆེན་མོའི་སྐོར་ལམ་དུ། བོད་མི་དགེ་འདུན་པ་ཞིག་གིས་ལག་ལ་བོད་ཀྱི་རྒྱལ་དར་འཁྱེར་ནས་བོད་ལ་རང་དབང་ དགོས་ཞེས་རྔམ་སྟོན་སྐད་འབོད་བྱེད་ཞོར་རང་ལུས་ལ་སྣུམ་བླུགས་ཏེ་མེར་བསྲེག་ བཏང་འདུག།
གནས་ཚུལ་དངོས་སུ་མཐོང་མཁན་བོད་མི་ཞིག་གིས་བརྗོད་དོན། དགེ་འདུན་པ་ཁོས་རང་ལུས་མེ་ལ་སྦར་བ་དང་། དེ་རིང་ཚེས་ཆེན་བཅོ་ལྔར་མཆོད་རྟེན་ལ་སྐོར་བ་བྱེད་མཁན་མང་པོ་ཡོད་པར་བརྟེན་ ཚང་མ་མཉམ་རུབ་གྱིས་མེ་བསད་སོང་། དགེ་འདུན་པ་ཁོའི་དཔུང་པ་ནས་མེ་གང་མཚམས་འབར་སོང་། དེ་ནས་མི་ཚོགས་ཁྲོད་ཁོ་གར་སོང་མེད་པར་གྱུར་བ་དང་། ད་ཆ་མཆོད་རྟེན་སྐོར་ལམ་ཡོངས་སུ་བལ་ཡུལ་ཉེན་རྟོག་པས་བསྐོར་ནས་དགེ་འདུན་པ་ཁོ་ སུ་ཡིན་རྩད་གཅོད་བྱེད་བཞིན་འདུག་ཅེས་བརྗོད་བྱུང་།
གྲྭ་པ་དེའི་མིང་ལ་ བོད་ཕྲུག་ཟེར་གྱི་ཡོད་པ་དང་ཕ་ཡུལ་ཁམས་དཀར་མཛེས་ནས་ཡིན་འདུག ད་ལྟ་དགུང་ལོ་ ༤༥ ཡིན་འདུག། ད་ལྟ་ཁོང་སྨན་བཅོས་བྱེད་ཐབས་བྱེད་ཀྱི་ཡོད་པ་དང་། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་སྲོག་ལ་ཉེན་ཁ་མི་འདུག་ཟེར།
ཉེ་བའི་ཕྱི་ཚེས་ ༢ ཉིན་བལ་ཡུལ་དུ་བུད་མེད་ཞིག་གིས་རང་ལུས་ལ་སྣུམ་བླུགས་ཏེ་མེར་བསྲེགས་གཏོང་ཐབས་བྱས་ཡོད།
བལ་ཡུལ་གསར་འགོད་པས།
དེ་ བཞིན་དེ་རིང་ཞོགས་པ་བོད་ཀྱི་བང་ཆེན་དྲ་ཐོག་གི་འཇམ་བཟོད་ལགས་ཀྱིས་ཟིན་བྲིས་ སྤེལ་བའི་ནང་འཁོད་དོན།ཕྱི་ལོ་༢༠༡༡ ཟླ་༡༡ ཚེས་༡༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་༨ པའི་ཐོག་བལ་ཡུལ་མཆོད་རྟེན་འགྲམ་ནས་འབྲེལ་ཡོད་ཀྱིས་ཁ་པར་བཏང་གསལ་དུ། དགུང་ལོ་༣༠ ཡས་མས་ཀྱི་དགེ་འདུན་པ་ཞིག་གིས་ད་ལྟ་རང་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་ དུ་སྐད་འབོད་དང་བཅས་སྐུ་ལུས་ལ་མེ་སྦར་སོང། ཡིན་ནའང་མི་མང་དང་ཉེན་རྟོག་པ་རུབ་དྲགས་ནས་སྐད་འབོད་ཀྱི་ཚིག་གསལ་པོ་གོ་མ་ སོང། གང་ལྟར་མེ་སྦར་ནས་གོམས་པ་གསུམ་ཙམ་སྤོས་ནས་ས་ལ་རིལ་སོང་ཞེས་ངོ་སྤྲོད་གནང་ བྱུང།
 བལ་ཡུལ་མཆོད་རྟེན་གྱི་འགྲམ་དུ་སྐུ་ལུས་ལ་མེ་སྦར་ཡོད་པ་དེ་དངོས་ ཡོད་ཡིན་པ་ དང་། ད་ལྟ་མེ་སྦར་ནས་སྐར་གྲངས་འགའ་ལས་སོང་མེད་ཚོད་འདུག་པས་རིམ་གྱིས་གནས་ཚུལ་དེ་ གསལ་པོ་ཆགས་ཡོང་བའི་རེ་བ་དང། འབྲེལ་ཡོད་ཚོས་འདིའི་ཐད་ལ་དོ་སྣང་ཆེ་ཙམ་བྱེད་དགོས་པའི་དུས་ལ་བབས་ཡོད། 
 གནས་ཚུལ་བོད་ཀྱི་བང་ཆེན་ལས་དྲངས།
 Dharamshala, November 10: A Tibetan Buddhist monk, believed to be around 30 years old, set himself on fire in Kathmandu around 7 a.m today in an apparent gesture of solidarity to the spate of self-immolations by fellow Tibetans inside Tibet in recent months.


Friday, November 4, 2011

ཤེས་རབ། Sherab

He says "In this modern century the young people have knowledge and do something actions with knowledge for Tibet and Tibetans. without knowledge as me, I did it for Tibet and Tibetans what i can do. i could not get other better way " I really like his mention. we have to do something by knowledge or by pens.

དེ་རིང་ཞོགས་པར་ལྡི་ལི་ས་གནས་གཞོན་ནུའི་རྒྱུན་ལས་ཟུར་པ་ཤེས་རབ་ལགས་གཅིག་པུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཕྱིན་ཏེ་རང་ལུས་མེར་བསྲེགས་བཏང་འདུག
ད་ལྟ་རང་ལྡི་ལི་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་དབང་ཕྱུག་ལགས་བརྒྱུད་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། རང་ལོ་ ༢༦ ཡིན་པའི་ལྡི་ལི་ས་གནས་གཞོན་ནུའི་རྒྱུན་ལས་ཟུར་པ་(ཟུང་དྲུང་)ཤེས་རབ་ཁོང་གཅིག་པུ་དེ་རིང་ཞོགས་པ་ཆུ་ཚོད་ ༡༠ ཡས་མས་ཤིག་ལ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཕྱིན་ཏེ། བོད་ནང་གི་གནས་བབ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་ཀྱིན་པར་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་བཏང་ཡོད་འདུག སྐབས་དེར་རྒྱ་གར་ཉེན་རྟོག་པ་རྣམས་ཀྱིས་མེ་བསད་རྗེས་རྒྱ་གར་སྨན་ཁང་ Ram Manhor Lhoiya Hospital. ཞེས་པར་ཏུ་མྱུར་སྐྱོབ་བྱེད་དུ་ཁྲིད་ཡོད་འདུག



Thursday, November 3, 2011

དཔལ་ལྡན་ཆོས་མཚོ། Paldan Choetso

ཕྱི་ལོ་༢༠༡༡ ཟླ་༡༡ ཚེས་༣ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་བཅུ་གཉིས་ཡོལ་ཙམ་ལ།ཁམས་རྟའུ་རྫོང་བྲོ་ཆོ་གྲོང་ཚོ་ནས་ཡིན་པ་ཕ་ཇོ་ནའི་དང་མ་ཀོས་ལན་གཉིས་ཀྱི་བུ་མོ། རྟའུ་བྱང་ཆུབ་ཆོས་གླིང་གི་བཙུན་མ་དཔལ་ལྡན་ཆོས་མཚོ་རང་ལོ་༣༥ ཡོད་པ་ཁོང་གིས། རྟའུ་རྣམ་རྒྱལ་མཆོད་རྟེན་གྱི་ཉེ་འགྲམ་དུ་མི་མང་གིས་སྨྱུང་གནས་འཚོགས་ཏེ་ གྲོལ་ལ་ཉེ་བའི་སྐབས་དང་བསྟུན་ནས། དང་ཐོག་སྣུམ་མཆོད་པ་དང་དེ་ནས་ཉེ་སྔོན་རྒྱལ་གཅེས་དཔའ་བོ་རྟའུ་ཚེ་དབང་ནོར་བུ་ལགས་ཀྱིས་སྐུ་ལུས་ལ་མེར་བསྒྲོན་ནས་ངོ་རྒོལ་གནང་སའི་ས་ཆ་དེར། བཙུན་མ་རང་ཉིད་ཀྱི་སྐུ་ལུས་ལ་མེ་སྦར་ནས་མི་མང་གི་ཁྲོད་དུ། བོད་ལ་རང་དབང་དགོས། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག། ༧གོང་ས་མཆོག་བོད་ལ་གདན་ཞུ་བྱེད་དགོས་ཟེར་བ་སོགས་ཀྱིས་ཞི་རྒོལ་སྐད་འབོད་བྱས་ཡོད་པ་རེད།