Tuesday, May 29, 2012

བློ་བཟང་དར་རྒྱས། Dargye

At 27/5/2012 a man immolated himself in Lhasa, TAR.
ཕྱི་ཚེས་ ༢༧ ཉིན་ལྷ་སའི་ཇོ་ཁང་མདུན་དུ། རྔ་པ་སོག་རུ་མ་ནས་ཡིན་པའི་བློ་བཟང་དར་རྒྱས་ལགས་ཀྱིས་ཉིན་གུང་ཆུ་ཚོད་ ༡ ཡས་མས་སུ་ཇོ་ཁང་གཡོན་ཕྱོགས་ཀྱི་སྟག་ཤར་མགྲོན་ཁང་དུ་ཁང་མིག་གཅིག་བླངས་ཏེ་གྲ་སྒྲིག་བྱས་ཡོད་འདུག་ལ། ཆུ་ཚོད་ ༢ དང་སྐར་མ་ ༡༥ ཐོག་མགྲོན་ཁང་ནས་སྔ་གཞུག་ཏུ་ཕྱིར་ཐོན་ཏེ། ཀི་སྒྲ་སྒྲོག་བཞིན་རང་ལུས་མེར་སྒྲོན་རྗེས་ཇོ་ཁང་མདུན་གྱི་དར་ཆེན་འཁྲིས་བར་མེ་ལྕེ་དམར་ལམ་ལམ་འབར་བཞིན་རྒྱུགས་ཡོད་པ་དང་སྐབས་དེར་ནམ་རྒྱུན་དེར་ཡོད་པའི་སྐོར་སྲུང་དམག་གིས་མེ་བསད་རྗེས་བཙན་ཁྲིད་བྱས་ཡོད་འདུག
ཕྱི་ཚེས་ ༢༨ ཉིན་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༢༧ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༢ དང་སྐར་མ་ ༡༦ སྟེང་། ལྷ་སའི་ཇོ་ཁང་མདུན་ཐང་དུ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་སྐད་འབོད་བྱེད་མཁན། རང་ལོ་ ༢༥ ཡིན་པའི་དར་རྒྱས་ལགས་ཁ་སང་ཉེན་རྟོག་མི་སྣས་ལུས་སྟེང་གི་མེ་བསད་དེ་སྨན་ཁང་དུ་ཁྲིད་རྗེས་སྲོག་ཉེས་ཐར་ཏེ་སྐད་ཆ་ཤོད་ཐུབ་ཀྱི་ཡོད་ཚུལ་བརྗོད་ཡོད་འདུག
རང་ལོ་ ༢༥ ཡིན་པའི་དར་རྒྱས་ལགས་ནི། མདོ་སྨད་ཨ་མདོ་རྔ་པ་སོག་རུ་མ་ནས་ཡིན་པ་དང་ད་ལྟའི་ཆར་ལྷ་ས་ཁྲོམ་གཟིགས་ཁང་ཉི་མའི་གླིང་ཞེས་པའི་ཟ་ཁང་ཞིག་ཏུ་དངུལ་གཉེར་གྱི་ལས་ཀ་བྱེད་བཞིན་ཡོད་འདུག
At 27/5/2012 a man immolated himself in Lhasa, TAR. According to reporting, around 2:00 pm in Tibet time a man names Dargye, 25 years old from Amdo Sogru, Ngawa district who immolated himself for freedom of Tibet. He bornt himself infront Jokhang temple in Lhasa and walking with fire for a few minutes. At that local army and police came there and caught him.
Dargye was born in Amdo Ngawa district. In these times working in a restuarant Nyim'i Ling (Sun land) in Lhasa.

No comments:

Post a Comment