Tuesday, May 29, 2012

རྡོ་རྗེ་ཚེ་བརྟན། Dorje Tseten

At 27/5/2012 a man immolated himself and dead in Lhasa, TAR. 
ཕྱི་ཚེས་ ༢༧ ཉིན་ལྷ་སའི་ཇོ་ཁང་མདུན་དུ། རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཉིན་གུང་ཆུ་ཚོད་ ༡ ཡས་མས་སུ་ཇོ་ཁང་གཡོན་ཕྱོགས་ཀྱི་སྟག་ཤར་མགྲོན་ཁང་དུ་ཁང་མིག་གཅིག་བླངས་ཏེ་གྲ་སྒྲིག་བྱས་ཡོད་འདུག་ལ། ཆུ་ཚོད་ ༢ དང་སྐར་མ་ ༡༥ ཐོག་མགྲོན་ཁང་ནས་སྔ་གཞུག་ཏུ་ཕྱིར་ཐོན་ཏེ། ཀི་སྒྲ་སྒྲོག་བཞིན་རང་ལུས་མེར་སྒྲོན་རྗེས་ཇོ་ཁང་མདུན་གྱི་དར་ཆེན་འཁྲིས་བར་མེ་ལྕེ་དམར་ལམ་ལམ་འབར་བཞིན་རྒྱུགས་ཡོད་པ་དང་སྐབས་དེར་ནམ་རྒྱུན་དེར་ཡོད་པའི་སྐོར་སྲུང་དམག་གིས་མེ་བསད་རྗེས་བཙན་ཁྲིད་བྱས་ཡོད་འདུག
ཕྱི་ཚེས་ ༢༨ ཉིན་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༢༧ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༢ དང་སྐར་མ་ ༡༦ སྟེང་། ལྷ་སའི་ཇོ་ཁང་མདུན་ཐང་དུ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་སྐད་འབོད་བྱེད་མཁན། རང་ལོ་ ༡༩ ཡིན་པའི་རྡོ་རྗེ་ཚེ་བརྟན་ལགས་ཁ་སང་ཉེན་རྟོག་མི་སྣས་ལུས་སྟེང་གི་མེ་བསད་དེ་སྨན་ཁང་དུ་ཁྲིད་རྗེས་སྐུ་གྲོངས་ཟིན་པར་བརྗོད་ཡོད་འདུག
ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པར་ས་གནས་ཉེན་རྟོག་པ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཕ་ཡུལ་དུ་ཞིབ་དཔྱོད་བྱེད་དུ་ཡོང་ཡོད་པ་དང་།  སྐབས་དེར་ཉེན་རྟོག་པས་ནང་མིར་ཁོང་གྲོངས་ཡོད་པའི་སྐོར་ལས་གསལ་བཤད་ཅི་ཡང་བྱས་མི་འདུག་ལ། ཁ་སང་ཁོང་དང་ཟ་ཁང་དེའི་དངུལ་གཉེར་གྱི་ལས་ཀ་བྱེད་བཞིན་པའི་དར་རྒྱས་གཉིས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ངོ་རྒོལ་སྐད་འབོད་བྱས་རྗེས། ཟ་ཁང་གི་སྤྱིན་བདག་དང་ལས་རོགས་ཚང་མ་བཙན་ཁྲིད་བྱས་ཏེ།  ཟ་ཁང་ནང་མི་གཅིག་ཀྱང་འགྲོ་མི་ཆོག་པར་བཟོས་ཡོད་འདུག
རང་ལོ་ ༡༩ ཡིན་པའི་རྡོ་རྗེ་ཚེ་བརྟན་ལགས་ནི། མདོ་སྨད་བླ་བྲང་བསང་ཆུ་རྫོང་འབོ་ར་ཞང་སྐྱ་དེའུ་ཁོག་རུ་ཁག་དང་། དགོན་པ་ནས་སྤྱི་ལེ་གཉིས་ཙམ་གྱི་སར་ཡོད་པའི་སྤེལ་ལུང་སྡེ་བའི་ཕ་བན་དེ་མཁར་དང་མ་སྒྲོལ་དཀར་སྐྱིད་གཉིས་ཀྱི་བུ་ཡིན་ཞིང་། ཆུང་དུས་འབོ་ར་སློབ་ཆུང་འགྲིམས་མྱོང་ཡོད་འདུག  ལོ་ཤས་གོང་ནས་ལྷ་སར་ཡོང་སྟེ་ཁྲོམ་གཟིགས་སྒང་གི་༼ཉི་མའི་གླིང་༽ འབོད་པའི་བོད་པའི་ཟ་ཁང་ཞིག་ཏུ་མ་བྱན་གྱི་ལས་ཀ་བྱས་ཡོད་པ་དང་། སྔ་ལོར་ཕ་ཡུལ་དུ་ཕྱིན་སྟེ་འདི་ལོའི་ལོ་མགོར་ཕྱིར་ལོག་རྗེས་ཟ་ཁང་དེ་རུ་མུ་མཐུད་མ་བྱན་གྱི་ལས་ཀ་བྱེད་ཀྱི་ཡོད་འདུག  ཁོང་ལ་སྤུན་མཆེད་བརྩོན་འགྲུས་རྒྱ་མཚོ་དང་དཀོན་མཆོག་བཀྲ་ཤིས་བཅས་གསུམ་ཡོད་པའི་ཁྲོད་ཀྱི་ཆུང་བ་དེ་ཡིན་འདུག
At 27/5/2012 a man immolated himself and dead in Lhasa, TAR. According to reporting, around 2:00 pm in Tibet time a man named Dorje Tseten, 19 years old from Amdo Ladang, Sangchu district who immolated himself for freedom of Tibet. He bornt himself infront Jokhang temple in Lhasa and walking with fire for a few minutes. At that local army and police came there and caught him.
Dorje Tseten was born in Sangchu district in Amdo Ldang. His father is Bende Khar and mother is Dolkar Kyi. He used to go local school when he was a child. A few years ago he came to Lhasa and working in a restuarant Nyim'i Ling (Sun land).
At 28/5/2012 according to Xinhua news Dorje Tseten was dead in a hospital.

No comments:

Post a Comment