At 20/06/2012 A man did self-immolation in Kham Yulsul eastern Tibet.
འདོན་སྤེལ། ༢༠༡༢/༠༦/༢༠
དེ་རིང་ཕྱི་དྲོ་ཁམས་ཡུལ་ཤུལ་ཁུལ་རྫ་སྟོད་གྲོང་རྡལ་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག
རྒྱ་གར་ལྷོ་ཕྱོགས་སེར་བྱེས་འདབ་མ་ཁང་ཚན་གྲྭ་བློ་བཟང་སངས་རྒྱས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༣།༣༠ ཐོག་རང་ལོ་ ༢༤ ཡིན་པའི་བསྟན་འཛིན་མཁས་གྲུབ་ལགས་ཀྱིས་ཁམས་ཡུལ་ཤུལ་རྫ་སྟོད་གྲོང་རྡལ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། བསྟན་འཛིན་མཁས་གྲུབ་ལགས་ནི། ཁམས་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་ཉ་མཚོ་སྡེ་བའི་སྐམ་ཡུལ་རུ་ཁག་གསུམ་པ་ནས་ཡིན་ཞིང་།ཕ་མིང་ལ་ལེགས་གྲུབ་དང་མ་སྐྱིད་འཛོམས་།དེ་སྔོན་ཟིལ་དཀར་དགོན་གྱི་གྲྭ་བ་ཡིན་ལ་ཉིས་སྟོང་དྲུག་ལོར་སྐྱ་སར་བབས་འདུག
At 20/06/2012 A man did self-immolation in Kham Yulsul eastern Tibet. According to Tibet Times news, today around 3:30 in Tibet time, a man names Tenzin Khedup, 24 years old immolated himself for freedom Tibet in Zatoe town, Kham Yulshul Tibet. He is from Tridu district Kham Yulshul town. His father's name is Legdup and mother is Kyizom. Before 2006 he was a monk in Zilkar monastery in Kham Yulshul.
No comments:
Post a Comment