Saturday, August 4, 2012

འཇར་མན་ནིའི་གྲོང་ཁྱེར་དྷེ་གྷེན་དྷོབ་ལ་བོད་ཀྱི་ཉིན་མོ་སྲུང་རྩི་ཞུས་པ།

འཇར་མན་ནིའི་གྲོང་ཁྱེར་དྷེ་གྷེན་དྷོབ་ལ་བོད་ཀྱི་ཉིན་མོ་སྲུང་རྩི་ཞུས་པ། 

ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢༠ ཉིན་འཇར་མན་ནི་ལྷོ་ཕྱོགས་མུ་ནིག་མངའ་སྡེའི་གྲོང་ཁྱེར་དྷེ་གྷེན་དྷོབ་དུ་“བོད་ཀྱི་ཉིན་མོ་”ཞེས་པ་སྲུང་རྩི་ཞུས་འདུག དེའང་གོང་ཚེས་ཉིན་འཇར་མན་ནིའི་བོད་དོན་རྒྱབ་བཅོལ་ཚོགས་པའི་ཚོགས་མི་ས་གནས་དེ་གའི་འབྲེལ་མཐུད་པ་སྐུ་ཞབས་ཡོ་སེབ་སི་མི་ཌ་(Josef Schmid)ལགས་ནས་གྲོང་ཁྱེར་དེ་གའི་རིག་གཞུང་དུས་སྟོན་དང་འབྲེལ་“བོད་ཀྱི་ཉིན་མོ་”ཞེས་པའི་དུས་ཆེན་ཞིག་གོ་སྒྲིག་ཞུས་འདུག ཐོག་མར་ཉིན་གུང་ཕྱག་ཚོད་ ༡ ཐོག་དུས་སྟོན་དེར་མུ་ནིག་གྲོང་ཁྱེར་ནས་བོད་དོན་རྒྱབ་བཅོལ་འགའ་ཞིག་དང་། ས་གནས་དེ་གའི་བོད་དོན་ཐོག་ཐུགས་ཁུལ་ཅན་གྱི་གལ་ཆེའི་མི་སྣ་སོགས་ཆེད་ཕེབས་ཀྱིས་མི་གྲངས་བཅུ་ཕྲག་ཁ་ཤས་འཛོམས་རྗེས་གོ་སྒྲིག་པས་དུས་ཆེན་གྱི་ངོ་སྤྲོད་དང་། དེ་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་བ་དང་འབྲེལ་མི་མང་རྣམས་ལ་བོད་ཀྱི་ལོ་རྒྱུས་དང་རྒྱལ་དར་སྐོར་འགྲེལ་བཤད་གནང་། དེ་རྗེས་ཉེ་ལམ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐུ་ལུས་ཞུག་ཏུ་ཕུལ་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་མཆོད་མེ་མགོ་གྲངས་རེ་ཁོང་རྣམ་པའི་ལོ་རྒྱུས་དང་བསྒྲགས་ཏེ་ཕུལ། དེ་དང་འབྲེལ་གནའ་དེང་བོད་ཀྱི་ལོ་རྒྱུས་དང་ཉེ་བའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་མི་མང་རྣམས་ལ་ངོ་སྤྲོད་གནང་རྗེས་བོད་དོན་སྐོར་གྱི་ཡིག་ཆ་རིགས་འགྲེམས་སྤེལ་བྱས། དེ་རྗེས་མི་མང་རྣམས་ལ་བོད་ཀྱི་རིག་གཞུང་ངོ་སྤྲོད་དང་འབྲེལ་བོད་རྩམ་དང་བོད་ཇ་སོགས་འདེགས་འབུལ་ཞུས།

ཕྱི་དྲོར་དེང་བོད་ཀྱི་འབྲོག་པའི་དཀའ་ངལ་དང་གནས་སྟངས་སྐོར་གྱི་བརྙན་འཕྲིན་གཟིགས་འབུལ་དང་འབྲེལ་ད་ལྟའི་བོད་ནང་གི་འཁོར་ཡུག་དང་འབྲོག་པའི་འཚོ་གནས་སྐོར་མི་མང་རྣམས་ལ་འགྲེལ་བརྗོད་གནང་རྗེས། ཕྱི་དྲོའི་ཆུ་ཚོད་ ༦ ཐོག་ས་གནས་དེ་གའི་ནང་“བོད་ཀྱི་ཉིན་མོ་”ཐེངས་གཉིས་པའི་མཛད་སྒོ་རྒྱལ་ཁའི་ངང་མཇུག་གྲུབ་པའི་གནས་ཚུལ་དུ། །

Tibet Day in Deggendorf.

On 20/11/2011, a celebration of Tibet Day in Deggendorf, Bavaria in Germany. This was organized by Mr. Josef Schmid, the local contact of Tibet Initiative Deutschland.

At 1:00 pm Mr. Schmid introduced to the people the celebration of Tibet Day in Deggendorf and explained the Tibet national flag with singing Tibet national anthem.

After words in solidarity, offering lamps to Tibetan people who recently did self immolation for free Tibet, with reading their stories sadly.  In next program, he gave a talk about the action of Tibet Innitiative Deutschland for Tibet. Mr. Schmid also gave a speech about past Tibet story and recently Tibetan urgent situation in Tibet with stating papers.

After words offering to the people Tibetan traditional food, Tsampa and butter tea.

After noon presenting some movies, which are about urgent Tibetan nomad issues. Like, “Nomad girl” and “from nomad to nobody” etc.

At 6:00 pm. Ending the Tibet Day in Deggendorf successfully. This Tibet Day is the second year in Deggendorf city.

No comments:

Post a Comment