༢༠༡༢ ཟླ་ ༨ ཚེས་ ༡༤ རེས་གཟའ་མིག་དམར། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༤ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་གྱི་བོད་ནང་གི་དུས་ཚོད་ ༦།༥༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་ནས་ཡིན་པའི་རྔ་པ་ཀིརྟི་དགོན་པའི་སྨན་པ་གྲྭ་ཚང་གི་གྲྭ་ལུང་རྟོགས་ལགས། རང་ལོ་ ༢༠ ཡས་མས་ཤིག་ཡིན་པ་ཁོང་གིས་རྔ་པ་ཀིརྟི་དགོན་པའི་མཐའ་འཁོར་གྱི་འཁོར་ཁང་ཞིག་གི་ནང་ནས་རང་ལུས་མེར་སྒྲོན་ཏེ་དཔའ་བོའི་སྲང་ལམ་ནས་ངོ་རྒོལ་སྐད་འབོད་བྱས་ཡོད།
དེ་ཡང་གྲྭ་ལུང་རྟོགས་ཀྱིས་དཔའ་བོའི་སྲང་ལམ་ནས་སྐད་འབོད་བྱེད་བཞིན་གཞུང་ལམ་དབུས་མའི་བཞི་མདོར་སླེབས་མཚམས་ཉེན་རྟོག་པ་ཁག་གཅིག་གིས་རུབ་བརྒྱབ་སྟེ་མེ་བསད་རྗེས་བཙན་ཁྲིད་བྱས་འདུག་ལ། སྐབས་དེར་ཁོང་གྲོངས་མེད་ཀྱང་ཕྱི་ཚེས་ ༡༤ ཉིན་ཤེས་རྟོགས་བྱུང་བར་ཁོང་འདས་གྲོངས་སུ་གྱུར་ཡོད་ཀྱང་ཁོང་གི་སྐུ་ཕུང་འབར་ཁམས་ལ་ཁྱེར་ཡོད་སྟབས། ནང་མིར་སྤྲད་ཡོད་མེད་ཤེས་རྟོགས་བྱུང་མེད། ཁ་སང་རྔ་པའི་སྨན་ཁང་ནས་འཁྱེར་སྐབས་མི་གཅིག་སྨན་ཁང་གིས་ཛ་དྲག་ནད་པ་སྐྱེལ་འདྲེན་བྱེད་སའི་སྣུམ་འཁོར་ནང་ཁབ་ཆེན་བརྒྱབ་ནས་ཁྱེར་ཡོད་འདུག་ལ། གཞན་དེ་དམག་མིའི་རླངས་འཁོར་ནང་བཞག་ཡོད་ཀྱང་དེའི་གནས་སྟངས་ཤེས་རྟོགས་བྱུང་མི་འདུག
ལུང་རྟོགས་ཀྱི་ཕ་རིས་ཆུང་དེ་སྔོན་ནས་འདས་ཟིན། མ་མིང་ལ་ཀླུ་མོ་ཡིན་འདུག ཁོང་རྔ་པ་ཀིརྟི་དགོན་པའི་སྨན་པ་གྲྭ་ཚང་ཡིན་ཞིང་བཀྲ་ཤིས་གྲྭ་པ་ཡིན་སྐབས་ཁོང་གཉིས་འཛིན་གྲྭ་གཅིག་པ་ཡིན་འདུག ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་སྨན་པ་གྲྭ་ཚང་ཚོགས་འཚོགས་སྐབས་ལུང་རྟོགས་ཀྱིས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་དུ་དགེ་འདུན་རེ་ལ་རྒྱ་སྒོར་གཅིག་རེ་སྐུ་འགྱེད་ཕུལ་ནས་བསྔོ་བ་སྨོན་ལམ་དང་སྐྱབས་འཇུག་ཞུ་སྐུལ་གནང་འདུག
དོན་རྐྱེན་བྱུང་མ་ཐག་ཉེ་འཁོར་གྱི་མི་མང་གིས་ཀི་ལྡིར་བྱས་ཏེ་སྐད་འབོད་སྣ་ཚོགས་བྱས་འདུག་པར་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་འབོར་ཆེན་སླེབས་ནས་མི་མང་ལ་ལྕགས་མདུང་འཛེར་མ་ཅན་སོགས་ཀྱིས་གང་བྱུང་གཅར་རྡུང་བྱས་ཏེ། མི་མང་པོ་ཞིག་རྨས་སྐྱོན་བཟོས་ཤིང་། མི་ཁག་གཅིག་སྐབས་ཐོག་དེར་འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། མི་གཅིག་གི་མགོ་ལ་ལྕགས་མདུང་འཛེར་མ་ཅན་གྱིས་གཞུས་ཏེ་མགོ་ཡོངས་རྫོགས་ཁྲག་གིས་འཚོས་ཡོད་པར་མ་ཟད། མི་དེའི་རྗེས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་མ་བྱུང་། དེ་རྗེས་རྔ་པ་རྫོང་མཁར་ཡོངས་ལ་དམིགས་བསལ་ཉེན་རྟོག་པ་སོགས་ཧ་ཅང་མང་པོ་འགྲེམས་འཇོག་བྱས་འདུག་ལ། ཕྱི་ཚེས་ ༡༤ ཉིན་ཡང་རྔ་པའི་རྫོང་མཁར་ལ་དམིགས་བསལ་ཉེན་རྟོག་པ་དང་སྤྱི་བདེ་ཉེན་རྟོག་པ་མང་པོ་འགྲེམས་འཇོག་བྱས་ཡོད་འདུག
14 August 2012 Fresh reports coming out of Tibet say a Tibetan man was beaten to death by the police after two more Tibetans self-immolated in Ngaba in north-eastern Tibet yesterday. A large number of Tibetans were also severely injured in the police beating.
The Central Tibetan Administration has strongly condemned the use of force by the Chinese authorities in dealing with the peaceful Tibetan protestors and urge them to exercise utmost restraint.
At 13 August 2012, Lungtok, 20, a monk of Kirti monastery, shouted slogans while walking on the main street in Ngaba with his body engulfed in flame. He was forcibly taken away by the police, but local people fear they might not survive due to severe burning. A latest report says one the self-immolators, Lungtok, has died in Barkham.
Immediately after the incident, a large number of police were deployed at the site after local Tibetans raised slogans in protest. The police beat the Tibetans with spiked batons, leaving one Tibetan dead with his entire head covered with blood, and many severely injured.
Additional contingent of armed police have been deployed throughout the Ngaba region.
With the latest two self-immolations, 49 Tibetans have so far set themselves on fire demanding His Holiness the Dalai Lama’s return to Tibet and crying for freedom for Tibetans.
No comments:
Post a Comment