Sunday, November 11, 2012

རྡོར་རྗེ། Dorje

༢༠༡༢/༡༡/༠༧ གཟའ་ལྷག་པའི་ཉིན་མདོ་སྨད་རྔ་པ་ཁུལ་རྔ་སྟོད་སྔོ་ཤུལ་དགོན་པའི་གྲྭ་པ་གསུམ་གྱིས་དུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། མི་གཅིག་འདས་གྲོངས་དང་། གཞན་གཉིས་སྨན་ཁང་དུ་འཁྱེར་ཡོད་འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། ཕྱི་ཚེས་ ༧ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༣ །༠༠ ཡས་མས་སུ་མདོ་སྨད་རྔ་པ་རྫོང་རྔ་སྟོད་སྒོ་མང་ཞང་ཚོ་དྲུག་སྡེ་བའི་ནང་ཚན་སྔོ་ཤུལ་ཐང་བ་མའི་ཆུ་ཁ་ཚང་གི་ཕ་ཚེ་རིང་དང་། མ་ཚེ་འདས་གངས་
དཀར་གཉིས་ཀྱི་བུ། རང་ལོ་ ༡༥ ཡིན་པའི་སྔོ་ཤུལ་དགོན་གྱི་གྲྭ་རྡོ་རྗེ་ལགས་ཀྱིས་རྔ་སྟོད་སྒོ་མང་ཞང་ཉེན་རྟོག་ཁང་གི་སྒོ་འགྲམ་ནས་རང་ལུས་མེར་བསྲེཊ་ཀྱིས། “ ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས། ”ཞེས་ངོ་རྒོལ་སྐད་འབོད་བྱས་ཏེ། རང་ལོ་ ༡༥ ཡིན་པའི་གྲྭ་རྡོ་རྗེ་ལགས་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག  

རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་རྗེས་ས་གནས་ཀྱི་ཉེན་རྟོག་པ་སོགས་འབྱོར་ཡོད་ཀྱང་། རྗེས་སུ་རྔ་པ་རྫོང་མཁར་ཡོངས་ལ་དྲག་ཆས་ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་ཕར་འགྲོ་ཚུར་འོང་གི་འགྲོ་ལམ་ཡོངས་རྫོགས་དམ་བསྒྲགས་བཀག་སྡོམ་ནན་མོ་བྱས་འདུག་པ་མ་ཟད། རྔ་སྟོད་སྒོ་མང་ཞང་དང་སྔོ་ཤུལ་དགོན་པ་སོགས་ལ་དམ་དྲག་ནན་མོ་བྱེད་མུས་ཡིན་འདུག

གནས་ཚུལ་ཡོང་ཁུངས་དུས་བབས་དྲ་བ།

No comments:

Post a Comment